ཐག་ཆོད་ཟིན་པ།
སློབ་དཔོན་ནག་མོ་ཁོལ་གྱི་ལོ་རྒྱུས་མདོར་བསྡུས་གསུངས་རོགས་ཞུ། བཀའ་དྲིན་ཆེ།
བྱ་དགའི་སྐར།0 - ཐག་གཅོད་བྱེད་དུས། 2011/05/28 18:17
དྲི་བ་འདོན་མཁན། tibetboy2011  2011/05/25 20:44
ལན་ཡང་དག
རང་རེའི་ཡིག་ཚང་དུ་གསལ་བ་ལྟར་ན། ཐོག་དང་པོར་ཁོང་ནི་ཤིན་ཏུ་བླུན་པ་ཞིག་སྟེ། སློབ་དཔོན་མཆོག་སྲེད་ཀྱིས་རྒྱལ་པོ་ཚངས་པས་བྱིན་གྱི་བུ་མོ་ལ་བསླུ་བྲིད་ཀྱིས་མག་པར་སྟེར་བ། ཕྱིས་སུ་བུ་མོས་གཡོག་མོ་མངགས་ཏེ། ལྷ་མོ་དབྱངས་ཅན་མའི་སྐུ་འདྲའི་རྒྱབ་ནས་ལ་དུ་གཡུགས་ཤིང་སྒྲ་ཕྱུང་བས། བླུན་པོས་ལྷ་མོ་དངོས་ཀྱིས་བྱིན་རླབས་གནང་བར་གོ་ནས་ལ་དུ་བཟས་པས། ཤིན་ཏུ་མཁས་པ་ཆེན་པོར་གྱུར་ཚུལ་གསལ། 

དབྱིན་ཡིག་ (Britannica Encyclopedia) ཏུ་གསལ་བ་ལྟར་ན། ཁོང་གི་མཚན་ལ་ཀ་ལི་ད་ས་ (Kalidasཞེས་པ་སྟེ་ཀ་ལི་ནི་ནག་མོ་དང་ད་ས་ནི་ཁོལ་ལ་གོ་ཞིང་། ཁོང་ནི་ཕྱི་ལོའི་དུས་རབས་ལྔ་པའི་སྐབས་ཀྱི་རྒྱ་གར་གྱི་སྙན་ངག་མཁན་དང་ཟློས་གར་མཁན་ཞིག་སྟེ། ལོ་རྒྱུས་ཞིབ་པར་མ་ཤེས་ཀྱང་། བྲམ་ཟེའམ་མཆོད་གནས་(priest)ཤིག་ཡིན་པ་ནི་ཁོང་གི་སྙན་ངག་ལས་ཤེས་ནུས་པར་བཤད་ལ། སྤྱིར་ན་ཁོང་གི་མཚན་སྙན་ལ་བརྟེན་ནས་བརྩམས་ཆོས་མང་པོ་ཞིག་ཁོང་གིས་བྱས་པར་གྲགས་ཀྱང་། མཁས་པས་ཉམས་ཞིབ་བྱས་པར་གཞིགས་ན་བརྩམས་ཆོས་དྲུག་ཙམ་དངོས་གནས་དང་གཅིག་ནི་ཕལ་ཆེར་ཁོང་གི་གསུང་འདྲ་བོ་ཡོད་པའི་ཐག་གཅོད་བྱས་ཡོད། ཁོང་གི་བརྩམས་ཆོས་གྲགས་ཆེ་ཤོས་ནི་ཤ་ཀུན་ཏ་ལའི་ངོས་འཛིན་ ( The Recognition of Shakuntala) ༼འདི་བོད་སྐད་དུ་གང་བསྒྱུར་བ་ཇི་བཞིན་མ་ཤེས་པས། ཀློག་པ་པོ་མཁྱེན་རྒྱ་ཅན་ཞིག་གིས་བསྒྱུར་རོགས་གནང་།༽ཞེས་པ་དེ་ཡིན་པར་བཤད་དེ། དེའང་སྔ་ནས་ད་བར་གྲགས་ཆེ་ཤོས་ཀྱི་བརྩམས་ཆོས་ཤིག་དང་། ཁོང་ནི་རྩོམ་རིག་གི་ཆ་ནས་རྒྱ་གར་གྱི་མཁས་པ་ཀུན་གྱི་གཙུག་རྒྱན་དུ་གྲགས་སོ། །

ལན་འདེབས་མཁན། Khargong Sonam  2011/05/26 02:29

འབྲེལ་ཡོད་འདྲི་ཚིག
སྐད་གསར་བཅད་ཐེངས་གསུམ་དུས་ནམ་ཞིག་ལ་རྒྱལ་བོ་སུའི་རིང་བྱས།
རྒྱལ་བོ་གོ་དན་གྱིས་ས་པཎྜི་ཏ་ཀུན་དགའ་རྒྱལ་མཚན་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་རྒྱལ་བོར་བསྐོས་ཡོད་དམ།
ས་སྐྱ་པཎྜི་ཏ་དགུང་ལོ་དྲུག་ཅུ་རེ་གསུམ་སྟེང་ཧོར་ཡུལ་དུ་ཆོས་སྟོན་པའི་བླ་མར་ཕེབས་པའི་རྒྱུ་མཚན་ཅི།
ཆབ་སྲིད་དཔལ་འབྱོར་སྐོར་
སྨད་ཀྱི་མདོ་ཁམས་ཆུ་བཞི་སྒང་དྲུག་ཏུ་གྲགས་པའི་ཆུ་བཞི་དང་སྒང་དྲུག་པོ་གང་དག་ཡིན།
སྤྱི་ལོ་དང་དུས་རབས་ཀྱི་བརྩི་མགོ་གཅིག་ཡིན་ནམ།
རླངས་བྱང་ཆུབ་འདྲེ་བཀོལ་གྱི་ལོ་རྒྱུས་འདྲ་མཁྱེན་མཁན་ཡོད་དམ།
མི་ཆོས་དགེ་བ་བཅུ་དང་ལྷ་ཆོས་གཙང་བཅུ་དྲུག
འུ་དུམ་བཙན་གྱི་རྒྱུད་པ་སྨད་ཀྱི་སྡེ་གསུམ་གྱིས་དབང་བསྒྱུར་བའི་ས་ཆ་གང་དག་ཡིན་ནམ།
དུས་རབས་མགོ་གང་ནས་བཙུགས་ཏེ་བརྩི་དགོས་སམ།

ཁྱེད་ཀྱིས་ལན་འདེབས་པར་སྒུག་ཡོད་པའི་དྲི་བ།
ལན་གཞན་དག    སྡོམ་པས། 1
The Recognition of Shakuntala ཟེར་བ་བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར་བྱ་བ་མིན་ནམ།http://www.rangwang.net/index.php?essayId=509

ལན་འདེབས་མཁན།bodpa  2011/05/26 12:45