ཁ་བརྒྱབ་ཟིན།
རཱ་མ་ཎའི་རྟོགས་བརྗོད་ཀྱི་འགྲེལ་བ།
བྱ་དགའི་སྐར།0 - (ཐག་ཆོད་དུས་ཚོད། 2012/09/17 15:52
དབལ་ཤུལ་ངག་དབང་བསྟན་པའི་རྒྱ་མཚོའི་རཱ་མ་ཎའི་འགྲེལ་བའི་སྙན་ངག་གི་བསྟན་བཅོས་དེ་བླུ་རྒྱུ་ཡོད་དམ།ཡོད་ན་གང་དུ་ཡོད།
དྲི་བ་འདོན་མཁན། sgmndzh  2011/09/07 15:43
ལན།    སྡོམ་པས། 1
རཱ་མ་ནའི་རྟོགས་བརྗོད་ཞེས་པ་ཕྱིས་སུ་བོད་ནང་ཐ་སྙད་བྱུང་བ་ཞིག་ལས་རིག་བྱེད་གཞུང་དངོས་སུ་རཱ་གྷུ་ཝཾ་ཤ་ཞེས་ཉི་མའི་གདུང་བརྒྱུད་ཅེས་པ་དེ་ཡིན།
དེ་ད་བར་ལེགས་སྦྱར་དང་ཧིན་རྡི་དབྱིན་ཡིག་ནང་བཅས་ལ་ཡོད་པ་ལས་བོད་སྐད་ནང་ཆ་ཚང་བ་ཧ་ལམ་མེད།
སློབ་དཔོན་དནྜིས་སྙན་ངག་མེ་ལོང་མ་འདི་ཉིད་ནས་བླངས་པར་གྲགས།
ད་ལྟ་དངོས་ཡོད་ཞང་ཞུང་ཆོས་དབང་གྲགས་པས་མཛད་པའི་རཱ་མ་ནའི་རྟོགས་བརྗོད་དང་། དགེ་འདུན་ཆོས་འཕེལ་དང་རཀ་ར་གཉིས་ཀྱིས་བསྒྱུར་བའི་རྒྱལ་པོ་དགའ་བྱེད་རཱ་མའི་གཏམ་རྒྱུད་རཱ་མ་ཡཱ་ཎའི་མེ་ལོང་།  དེ་བཞིན་མཁས་པ་མང་པོས་དཔྱད་རྩོམ་ཡོད་པ་ལས་རཱ་གུ་ཝམ་ཤ་ཆ་ཚང་བསྒྱུར་མེད།

ལན་འདེབས་མཁན།kelsang Lhamo  2011/09/09 06:25


ཁྱེད་ཀྱིས་ལན་འདེབས་པར་སྒུག་ཡོད་པའི་འདྲི་ཚིག