མཚོ་སྔོན་པོའི་བོད་ཡིག་ཟིན་བྲིས་ཁ་འབྱེད་མི་ཐུབ་པ་དེ་ཅི་ཡིན་ནམ།
དྲི་བ་འདོན་མཁན། nimatai 2011/03/04 11:52
དྲ་ཚིགས་ལས་ཁྱབ་བསྒྲགས་བྱས་པའི་བརྡ་སྦྱོར་ལྟར་ན། ཟིན་བྲིས་ཀྱི་མ་ལག་གསར་བ་ཞིག་བཀོལ་འཆར་ཡོད་དེ་ད་བོད་འགྱུར་བྱེད་བཞིན་པའི་སྒང་ཡིན་ཞེས་གསུངས་འདུག
ལན་འདེབས་མཁན།kakha 2011/03/05 22:13
ཁ་ཕྱེ་ཐུབ་ཀི་འདུག་ཡ། http://t.amdotibet.cn/index.html
འོན་ཀྱང་དེང་སྐབས་ཟིན་བྲིས་ཀྱི་མ་ལག་གསར་བཟོ་བྱེད་བཞིན་ཡོད་པར་འདྲ། ཁ་ཕྱེ་ཐུབ་ཀི་འདུག
ལན་འདེབས་མཁན།tibetmonk 2011/03/06 00:45
མཚོ་སྔོོན་པོ་ཟིན་བྲིས་ཀྱི་བརྡ་ཁྱབ་བྱེད་པར་བཞེས་ན། སྤྱི་ཟླ་གསུམ་པའི་ནང་མ་གཏོགས་སྒོ་ཕྱེ་འིན་མིན་ཞེས་དང་། སྐབས་དེ་དུས་ཁྱེད་ཀྱི་ཟིན་བྲིས་མ་ལག་དང་བཅས་པ་སྔ་རྒྱུན་བཞིན་དཔར་གཞི་གསར་པའི་ནང་ཐོན་གི་རེད་བཅས་བཀོད་འདུག
སྤྱི་ཟླ་གསུམ་པའི་ནང་མ་གཏོགས་མཚོ་སྔོན་པོ་ཟིན་བྲིས་ཁ་ཕྱེ་ཐུབ་ཀྱི་མ་རེད། གང་ཡིན་ཟེར་ན་དཔར་གཞི་གསར་པ་བོད་བསྒྱུར་དང་ཚད་ལྟ་བྱེད་བཞིན་པའི་སྒོང་རེད། སྤྱི་ཟླ་གསུམ་པའི་ནང་སྒོ་ཕྱེ་ཐུབ་ཀྱི་རེད། ཁྱེད་རང་ཐུགས་ལྷོད་ལྷོད་གནང་དང་། པར་གཞི་གསར་པ་ཐོན་དྲག་ཡོད་པ་རེད།
ལན་འདེབས་མཁན།khekhe 2011/03/08 01:43